༉ དུས་དེ་རིང་བཀྲ་ཤིས་ལྷ་རྒྱལ་ལོ། །སྤྱིར་འཛམ་གླིང་ཡོངས་ལ་བཀྲ་ཤིས་དང་། །སྒོས་དཔལ་ལྡན་འབྲུག་པའི་རྒྱལ་ཁམས་སུ། །བཀྲ་ཤིས་པའི་རྟེན་འབྲེལ་སྨོས་མ་དགོས། །དུས་ད་རེས་རིམས་ནད་སྔོན་འགོག་ལ། །ཐབས་བཟང་ཤོས་འགྲོ་འགྲུལ་བཀག་བསྡམས་ཏེ། །དེ་གཞུང་སྐྱོང་འོ་བརྒྱལ་ཆེ་བའི་ཕྱིར། །གངས་ཁ་བ་དཀར་པོ་གྲོགས་ལ་བྱོན། །ཁྱད་པར་སྤུངས་ཐང་བདེ་ཆེན་གནས། །ཁ་བས་ས་གཞི་ཁྱབ་པ་དེ། །རིམས་ནད་ཞི་བའི་སྔ་ལྟས་སུ། །རྩ་གསུམ་ལྷ་ཡི་ཕོ་ཉ་འདྲ། །ཡང་སྒོས་མི་དབང་ཡབ་སྲས་ཀྱི། །ཐུགས་རྗེ་བསླུ་མེད་བདེན་པའི་རྟགས། །ཞི་བདེ་གངས་ལ་ཁ་བ་ལྟར། །ཆགས་པའི་རྟེན་འབྲེལ་ངོ་མཚར་ཆེ། །ཆུ་ཕོ་སྟག་ལོ་ཟླ་༡༢ རྗེས་མའི་ཚེས་༥ ལ་རྣམ་གྲོལ་གླིང་དགོན་པ་ནས།
(རྗེ་མཁེན་པོ)
(རྗེ་མཁེན་པོ)
No comments
Post a Comment